[476B] །རྒྱ་གར་སྐད་དུ། འདི་རྒ་ན་ཁ་པ་རི་བྲཱ་ཛ་ཀ་པ་རི་པྲཾ་ཙྪ་ནཱ་མ་སཱུ་ཏྲ། བོད་སྐད་དུ། ཀུན་ཏུ་རྒྱུ་བ་སེན་རིང་གིས་ཞུས་པ་ཞེས་བྱ་བའི་མདོ། །སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་འཁོར་བཞི་པོ་དག་ལ་ཆོས་སྟོན་ཏེ་ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་ དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེའི་ཚེ་ཀུན་ཏུ་རྒྱུ་སེན་རིང་ བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁར་བ་ལ་ཨོཾ་ཚུགས་བཅས་ཏེ་ཅང་མི་སྨྲ་བར་འདུག་ནས་བལྟས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །ཀྱེ་གོའུ་ཏ་མ། འཇིག་རྟེན་ནི། ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་འཆིང་བ་ཅན། ལས་བརྟན་པར་བྱའོ། །ཞེས་དེ་སྐད་སྨྲས་པ་ནི། བདེན་ན། དགེ་སྦྱོང་ [477A]༄༅། །གཽ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོ་ཏ་མ་རྡོ་རྗེའི་ལུས་དང་ལྡན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ ཆེན་པོ། འདི་ནི། ངས་ཚེ་རབས་སྔ་མའི་སྐྱེ་བར་སྲོག་གཅོད་པ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གཽ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་ དགེ་སྦྱོང་གཽ་ཏ་མ་སོར་མོ་རིང་ཞིང་སོར་མོའི་བར་དྲ་བས་འབྲེལ་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ། འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་མ་བྱིན་བར་ ལེན་པ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གཽ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གཽ་ཏ་མ་དབང་པོ་ཡོངས་སུ་ཚང་ཞིང་ལུས་རབ་ཏུ་རྒྱས་ པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ། འདི་ནི། ངས་ཚེ་རབས་སྔ་མའི་སྐྱེ་བར་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། ། དགེ་སྦྱོང་གཽ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། ངས་དགེ་སྦྱོང་གཽ་ཏ་མ་ལྕེས་གདོང་གི་དཀྱིལ་འཁོར་ཐམས་ཅད་ཁེབས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ བྲམ་ཟེ་ཆེན་པོ། འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་བརྫུན་དུ་སྨྲ་བ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གཽ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན་ [477B]བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ། འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་འབྲུའི་ཚང་དང། སྦྱར་བའི་ཆང་མྱོས་ པ་བག་མེད་པའི་གནས་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གཽ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གཽ་ཏ་མ་སོ་བཞི་བཅུ་དང་ལྡན་ཞིང་སོ་མཉམ་ ལ་སོ་དཀར་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ། འདི་ནི། ངས་ཚེ་རབས་སྔ་མའི་སྐྱེ་བར་དུས་མ་ཡིན་པའི་ཟས་སྤངས་པའི་ལས་དེའི་འབྲས་ བུ་ཡིན་ནོ། །དགེ་སྦྱོང་གཽ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གཽ་ཏ་མ་ཚུལ་ཁྲིམས་ཀྱི་སྤོས་ཀྱིས་ལུས་བྱུགས་པར་གྱུར། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། བྲམ་ཟེ་ཆེན་པོ། འདི་ནི། ངས་ཚེ་རབས་སྔ་མའི་སྐྱེ་བར་ཕྲེང་བ་དང། སྤོས་དང། བྱུག་པ་དང། ཁ་དོག་འཆང་བ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ ནོ༑ ༑དགེ་སྦྱོང་གཽ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན་དེས་དགེ་སྦྱོང་གཽ་ཏ་མ་ལུས་མཚན་ཐམས་ཅད་ཀྱིས་བརྒྱན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། བྲམ་ཟེ་ཆེན་པོ། འདི་ནི། ངས་ཚེ་ར་བས་སྔ་མའི་སྐྱེ་བར་གླུ་དང། གར་དང། རྒྱན་རྣམས་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གཽ་ཏ་མས་སྔོན་ [478A]༄༅། །ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གཽ་ཏ་མ་སྟན་གསུམ་ལ་ཡོངས་སུ་སྤྱོད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ འདི་ནི༑ ངས་ཚེ་རབས་སྔ་མའི་སྐྱེ་བར་ཁྲི་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གཽ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་ བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་མགོའི་གཙུག་ཏོར་འཕགས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ། འདི་ནི་ངས་ཚེ་རབས་སྔ་ མའི་སྐྱེ་བར་སངས་རྒྱས་དང། ཆོས་དང། དགེ་འདུན་དང། ཕ་མ་དང། སློབ་དཔོན་དང། མཁན་པོ་དང། བླ་མ་དང། སྦྱིན་གནས་རྣམས་ལ་ཡན་ལག་ལྔ་ས་ལ་གཏུགས་ ཏེ་མགོ་བོས་ཕྱག་འཚལ་ཞིང་མཆོད་པའི་ལས་དེའི་འབྲས་བུ་ཡིན་ནོ་།དེ་ནས་ཀུན་ཏུ་རྒྱུ་སེན་རིང་གིས་འཁར་བས་ལ་བོར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་ བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ ཇི་སྲིད་འཚོའི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་དུ་ཆོས་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་དུ་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཇི་ [478B]བར་གནས་པར་བགྱིའོ། །སྲོག་ཆགས་ཐམས་ཅད་གསོད་དང་གཞན་ནོར་རྐུ་དང་མི་ཚངས་སྤྱོད་པ་དང། །ངག་གི་དབྱེ་ བ་རྫུན་དང་མྱོས་སྐྱེས་དུས་མིན་ཟ་བ་དང། །ཕྲེང་བ་ཁ་དོག་གླུ་དང་གར་དང་རྩེ་འཇོ་མལ་སྟན་མཐོན་པོ་རྣམས། །དེང་ནས་བདག་གིས་སྤངས་ཏེ་ཡོན་ཏན་བརྒྱད་ཀྱིས་དགྲ་བཅོམ་ཚུལ་ དུ་བགྱི༑ ༑དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ། །བདག་གིས་གསོ་སྦྱོང་གི་ཚུལ་ཁྲིམས་ཀྱིས་སྡོམ་པ་ཡང་དག་པར་འཛིན་པ་འདི་སེམས་ཀྱི་རྒྱན་དང། སེམས་ཀྱི་ཡོ་བྱད་དང་ བྱང་ཆུབ་ཀྱི་ཚོགས་སུ་འགྱུར་བ་དང། དོན་གྱི་དམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང། མྱ་ངན་ལས་འདས་པའི་བདེ་བ་བླ་ན་མེད་པ་ལ་གནས་པར་གྱུར་ཅིག། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ། ཁྱོད་དེ་བྱེད་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་དང། ལྷ་དང། མི་དང་ ལྷ་མ་ཡིན་དང། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཀུན་ཏུ་རྒྱུ་སན་[?]རིང་གིས་ཞུས་པའི་མདོ་རྫོགས་སོ།། །། བཀའ་དང་པོར་གཏོགས་སོ་